Dec 6, 2020

རིས་སུ་མ་ཆད་པའི་ཆོས་བརྒྱུད་དྲུག་གི་བཙུན་མ་རྣམས་ཀྱིས་རང་གི་ཉམས་ལེན་བོགས་འདོན་ཡོང་ཐབས་ཀྱི་བསླབ་བྱ།
༢༠༢༠ སྤྱི་ཟླ་ ༡༢ ཚེས་ ༦ རེས་གཟའ་ཉི་མ། | ཨ་རིའི་གྲོང་ཁྱེར་ནེའུ་ཡོག་གི་ཞོགས་པའི་ཆུ་ཚོད། ༧

Nuns from six different spiritual traditions of Tibet offer their advice for attaining realization in meditation practice. The live online conversation is in Tibetan only. If English translation is made available in the future, a link to the recorded translation will be posted here. Hosted by Geshe Tenzin Wangyal and Khenpo Gyurmey Dorjee.

View recording on Facebook (89 minutes) to join the chat

Presenters include:

  • Tsunma Phuntsok Tsultzin (Bön tradition)
  • Sangay Peldon (Nyingma tradition)
  • Lopon Karma Wangchuk Lhamo (Karma Kagyu tradition)
  • Sonam Dolma (Sakya tradition)
  • Ven. Geden Sangmo (Jonang tradition)
  • Geshema Tenzin Kunsel (Gelug tradition)

 

About the Presenters

 

Tsunma Phuntsok Tsultzin (Bön) was born in Tibet, in Chungpo Tengchen County. From an early age she had a love for virtuous works, and was moved to take a nun’s vows. She studied reading, writing, and the preliminary and primary Bönpo texts. In 2006 she entered Kongyul Palshen Tengyal Rigon Meditation School, where she graduated in 2010. That year traveled to India and received an audience with His Holiness the 33rd Menri Trizin, spiritual leader of the Bon tradition. She then joined Ratnaling Nunnery, where she began her studies of collected topics, pramana and topology of signs and reasoning in five major subjects, which she continues to study. In addition, she studied Tibetan grammatical texts, poetry, and astrology. She served the nunnery in general affairs and as its disciplinarian and lead chanter. She participated in a conference that aimed for the growth of Tibetan Women, as well as the 5th International Bönpo Conference.

བཙུན་མ་ཕུན་ཚོགས་ཚུལ་འཛིན་གྱི་ངོ་སྤྲོད་སྙིང་བསྡུས།

བོད་མདོ་དབུས་ཁམས་གསུམ་གྱི་ནང་ཚན་མདོ་སྟོད་བོད་ལྗོངས་ཆབ་མདོ་ས་ཁུལ་སྟེང་ཆེན་རྫོང་ཁྲི་རྡོ་གྲོང་འདབས་ལ་སྐྱེས་ཞིང་ཆུང་ནས་དགེ་བའི་ལས་ལ་བརྩོན་ནས་རབ་བྱུང་གི་སྡོམ་པ་ཞུས། དེ་ནས་ཡོན་ཏན་ཀུན་གྱི་གཞི་མ་ཡི་གེ་འབྲི་ཀློག་དང་། བོན་སྔོན་འགྲོ་དངོས་གཞི་ཚུལ་བཞིན་སློབ་སྦྱོང་ཉམས་ལེན་བྱས། ཕྱི་ལོ་༢༠༠༦ལོར་ཀོང་ཡུལ་དཔལ་གཤེན་བསྟན་རྒྱལ་རི་དགོན་ལ་སྒྲུབ་གྲྭ་ཞུགས་ནས་༢༠༡༠ལོར་སྒྲུབ་གྲྭ་མཐར་ཕྱིན་བྱས། ཕྱི་ལོ་༢༠༡༠ལོར་རྒྱ་གར་དུ་འབྱོར་ནས་ཞྭ་དཀར་བསྟན་པའི་མངའ་བདག་སྨན་རིའི་ཁྲི་འཛིན་སོ་གསུམ་པའི་གསེར་ཞལ་མཇལ་བའི་སྐལ་བཟང་ཐོབ།
དེ་ནས་བཙུན་དགོན་རདྣ་སྨན་གླིང་གི་སྒྲིག་ཁོངས་སུ་ཞུགས་ནས་ཐུན་མིན་ནང་དོན་རིག་པའི་གཞུང་ལུགས་བསྡུ་རྟགས་ཚད་གསུམ་ནས་གཞུང་ཆེན་བཀའ་པོད་ལྔ་སོགས་སློབ་སྦྱོང་བྱས་དང་བྱེད་མུས་སུ་མཆིས་ཤིང་། ཞོར་དུ་ཐུན་མོང་རིག་པའི་གནས་མིང་གཞི་བརྡ་དག་སྙན་ངག་འབྱུང་རྩིས་རིག་པ་བཅས་སློབ་སྦྱོང་ཚུལ་བཞིན་བྱས་པར་མ་ཟད། དགོན་པའི་སྤྱི་གཉེར་དང་ཚོགས་ཆེན་དགེ་སྐོས་ཚོགས་ཆེན་དབུ་མཛད་བཅས་དགོན་པ་ལ་ཞབས་ཕྱི་གང་ཐུབ་ཅི་ཐུབ་ཞུས་ཡོད། ཞོར་དུ་བོད་ཀྱི་བུད་མེད་ནུས་སྟོབས་གོང་འཕེལ་གྱི་ཚོགས་ཆེན་དང་། རྒྱལ་སྤྱིའི་བོན་གྱི་བགྲོ་གླེང་ཚོགས་ཆེན་ཐེངས་ལྔ་པ་སོགས་ཚོགས་ཆེན་གང་མང་མཉམ་ཞུགས་བྱས་ཏེ་དཔྱད་རྩོམ་སྤེལ་ཞིང་གཏམ་བཤད་བྱས་པ་དང་ཟབ་སྦྱོང་སོགས་སྤྱི་ཚོགས་ཐོག་ལས་དོན་མང་པོ་མཉམ་ལས་འགན་ཁུར་བྱས་པའི་ཉམས་མྱོང་དུ་མ་ཡོད་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས།

 

Sangay Peldon (Nyingma) lived her earliest years in Nepal, and in 1996 at age 13 entered Choede Chenmo Tsogyal Shedrup Dargyaling Nunnery. There she received a golden opportunity to study the higher Buddhist teachings and receive many empowerments and spiritual instructions from the great master His Holiness Pema Norbu Rinpoche. In 2009, after nine years of related study she receive her master’s of Buddhist philosophy. After graduating she was appointed as a Lopon (head teacher) at her nunnery. She additionally taught both nuns and lay Buddhist practitioners at various institutions outside of India, including Youlokod Jetsinling Nunnery, Tsoknyi Gechakling Nunnery, and Rigpa Shedra (Buddhist study institute for foreigners). In 2011 she served for one year as administrator for her nunnery institute. After all these years of teaching, she is currently trying to focus more on implementing the knowledge she has gained from the great masters and from experience. “Whatever I am and ought to be, I owe it to His Holiness Pema Norbu Rinpoche.”

 

Lopon Karma Wangchuk Lhamo (Maya Gurung, Karma Kagyu) was born in 1979 and ordained as a nun in 1993 at Thrangu Tara Abbey in Kathmandu, Nepal.
She has served as lopon (head teacher) for three-year retreats, and is further experienced in social work.

 

 

Sonam Dolma (Sakya) was born in 1969 in Tibet. She took her vows and became a nun at age 13. She learned reading, writing, and the practice of Buddhist rituals, and received all of the great empowerments of the Sakya tradition. The great masters she studied under include H.H. the Sakya Trichen, H.E. Luding Khenchen, Chiwang Tulku, and Gyamgyal Rinpoche. She has dedicated her entire life to meditation, while also giving teachings to many new yoginis. A kind and simple nun, she is considered an exemplar of morality.

མཚམས་པ་བསོད་ནམས་སྒྲོལ་མ་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།

ཁོང་ནི་སྤྱི་ལོ་༡༩༦༩ ལོར་སྡེ་དགེ་འདན་མ་རུ་སྐྱེས་ཤིང་། བླ་མ་བློ་གྲོས་རྒྱ་མཚོའི་བཀའ་བཞིན་རང་ལོ་༡༣ ལོན་སྐབས་རྒྱ་གར་བླ་མའི་སྐུ་མདུན་ནས་དགེ་བསྙེན་གྱི་སྡོམ་པ་ཞུས་ཏེ་ཆོས་ལམ་ལ་ཞུགས། རང་ལོ་༡༧ སོན་དུས་ཁྱིམ་དུ་ཟླ་གཅིག་གི་རིང་བསམ་པ་ལྷུན་གྲུབ་མའི་བསྙེན་མཚམས་དམ་པོར་བསྡད་དེ་སྔོན་འགྲོ་འབུམ་བཞི་ཆ་ཚང་ཞིག་བཞག དེ་ནི་མོ་རང་མཚམས་བཅད་པ་ཐེངས་དང་པོ་དེ་རེད་འདུག འཇམ་རྒྱལ་རིན་པོ་ཆེ་སོགས་བླ་མ་ཁག་གཅིག་གི་སྐུ་མདུན་ནས་ཆོས་འབྲེལ་ཡང་ཐོབ་མྱོང་། རང་ལོ་༡༩ ཐོག་རང་ཡུལ་གྱི་ལུང་པའི་ཕུར་རུ་རི་ཁྲོད་ཅིག་ཡོད་པ་དེར་སྤྱན་རས་གཟིགས་དང་གུ་རུའི་སྙན་མཚམས་བསྡད། རང་ལོ་༢༡ ཐོག་དྲེ་མཐོང་དགོན་དུ་ཕྱག་འབུམ་གཅིག་འཚལ། དེ་ནས་ལྷ་སར་གནས་བསྐོར་ཡོང་སྟེ་ལོ་ཤས་མཚམས་ནས་ཕྱིར་ཕ་ཡུལ་དུ་ལོག ཡུན་རིང་པོར་མ་འགོར་བར་མ་རྒན་ཚེ་ལས་འདས། འོ་དི་ཕུར་ལ་སྔོན་འགྲོ་ཞིག་དང་སྨྱུང་གནས་བཅས་ལོ་གཅིག་ཙམ་བསྡད། ༡༩༩༣ ལོར་ཀླུ་ལྡིང་མཁན་ཆེན་དང་ཞབས་དྲུང་སྐུ་འཁོར་བོད་དུ་ཕེབས་སྐབས་ཀླུ་ལྡིང་མཁན་པོ་སྐུ་གཞོན་དང་ཐར་རྩེ་མཁན་པོའི་སྐུ་མདུན་ནས་དགེ་ཚུལ་སློང་ཞུས་ཤིང་། ཀླུ་ལྡིང་མཁན་ཆེན་སྐུ་མདུན་ནས་སྒྲུབ་ཐབས་བརྒྱ་རྩ་དང་ངོར་ལུགས་དཀྱིལ་འཁོར་བདུན་གྱི་དབང་ཐོབ། སྤྱི་ལོ་༡༩༩༦ ལོར་རྒྱ་གར་དུ་འབྱོར་ཏེ་ཟླ་གཅིག་ཙམ་ཞིག་གི་མཚམས་ནས་ར་པུར་དཔལ་ས་སྐྱའི་ཆོས་སྒར་དུ་ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེའི་སྐུ་མདུན་ནས་ལམ་འབྲས་ཚོགས་བཤད་ཀྱི་དབང་ཁྲིད་ཚར་གཅིག་ཐོབ། དེ་ནས་བདག་མོ་སྐལ་ལྡན་གྱི་ནང་དུ་ཟླ་གཉིས་ཙམ་གྱི་རིང་རྣལ་འབྱོར་མའི་གཞི་བསྙེན་གཅིག་བསྡད། ཡང་བསྐྱར་ལོ་གཅིག་ལྷག་ཙམ་རིང་སྔོན་འགྲོ་ཆ་ཚང་ཞིག་དང་འབྲུ་འབུམ་ཆ་ཚང་ཞིག་བསྡད། དེ་ནས་བདེ་སྐྱིད་གླིང་ས་སྐྱའི་བཙུན་དགོན་རིན་ཆེན་ཆོས་གླིང་དུ་འཛིན་གྲྭ་ལྔ་ཙམ་བར་དུ་འདོན་ཕྱག་ལེན་ཆ་ཚང་བློ་འཛིན་བྱས། དེ་ནས་མཁན་པོ་རྒྱ་མཚོའི་སྒྲུབ་ཁང་དབུ་འབྱེད་སྐབས་༧ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེའི་སྐུ་མདུན་ནས་ལམ་འབྲས་སློབ་བཤད་ཐེངས་གཅིག་ཐོབ། རྫོང་སར་བཤད་གྲྭ་ནས་ཀྱང་༧གོང་མའི་སྐུ་མདུན་ནས་སློབ་བཤད་གཅིག་བཅས་སྔ་ཕྱི་ཐེངས་གསུམ་དང་ས་སྐྱ་གོང་མ་རྣམ་ལྔའི་བཀའ་འབུམ་གྱི་ལུང་། མཁའ་སྤྱོད་མའི་བྱིན་རླབས་དང་ཁྲིད་ཐེངས་གཉིས། མགོན་པོའི་ཁྲིད་དང་བྱིན་རླབས་བཅས་ཐོབ། ཕུན་ཚོགས་ཕོ་བྲང་གི་སྐུ་མདུན་ནས་ལམ་འབྲས་སློབ་བཤད་ཐེངས་གཅིག་ཐོབ། སྤྱི་ལོ་༢༠༠༡ ནས་མཁན་པོ་རྒྱ་མཚོའི་སྒྲུབ་ཁང་དུ་ཟླ་ཤས་རིང་སྣང་གསུམ་དང་འབྱུང་འདུལ། ཀྱཻ་རྡོར་གྱི་སྔོན་འགྲོ་རྒྱས་པ་ཞིག་བཅས་བཞག དེ་ནས་ཀྱཻ་རྡོར་གྱི་བསྙེན་ཆེན་བསྡད། དེ་མཚམས་མགོན་པོ་དང་རྣལ་འབྱོར་མའི་གཞི་བསྙེན་བཅས་ལོ་གསུམ་ཟླ་གསུམ་གྱི་མཚམས་ཆ་ཚང་ཞིག་བསྡད། དེ་ནས་བདེ་སྐྱིད་གླིང་ས་སྐྱའི་བཙུན་དགོན་དུ་སྔར་བོད་ནས་ངོར་༧ཀླུ་ལྡིང་མཁན་ཆེན་གྱི་སྐུ་མདུན་ནས་མཁའ་སྤྱོད་འབྲུ་འབུམ་གསུམ་ཁས་བླངས་ཤིང་དེ་ཆ་ཚང་ཞིག་ལོ་གསུམ་ཙམ་རིང་གྲུབ་པར་བྱས། དེ་ནས་ཀུན་རིགས་དང་མི་འཁྲུག་པ། རིགས་གསུམ་མགོན་པོ། འབྱུང་འདུལ། མགོན་པོ་བཅས་བསྐྱར་དུ་མཚམས་བསྡད་ཅིང་། འཁོར་ཆགས་སྤྲུལ་སྐུའི་སྐུ་མདུན་ནས་གཅོད་ཀྱི་ཁྲིད་དང་འདོན་སྟངས། དཀྱིལ་འཁོར་འབྲི་སྟངས་སོགས་ཆ་ཚང་ཐོབ་ཅིང་གཅོད་ཀྱི་ཚོགས་བརྒྱ་ཞིག་ཀྱང་བསྡད། རྒྱུན་དུ་རྣལ་འབྱོར་མ་ཉམས་སུ་ལེན་བཞིན་འདི་ལོར་སྤྱི་ལོ་༢༠༢༠ ལོར་རང་༥༤ མ་ཟིན་བར་མུ་མཐུད་དེ་མཚམས་འདུག་མུས་དང་ཞར་ཞོར་མཚམས་པ་གཞན་ལའང་མཚམས་འདུག་སྟངས་བསླབས་དང་སློབ་བཞིན་པ་བཅས་ལོ་རྒྱུས་བསྡུས་ཙམ་མོ།

ཞེས་ལོ་རྒྱུས་མཁོ་འགོད་པ་ཁྲི༔འགྱུར་མེད་རྡོ་རྗེས་མཚམས་པའི་ངག་ལས་དྲིས་ཤིང་ཕབས་པའོ། ༢༠༢༠/༡༠/༡༥

 

Ven. Geden Sangmo (Jonang) was born in Amdo Golok, Tibet. She became a nun at age 6. She has studied and practiced under some of the greatest masters in Tibet, such as Jonang Lama Saldhan, Gya Lama Padma Namgyal, and the great Nyingma master Tumdrak Rolwei Dorje. She has received many common and uncommon empowerments, transmissions, and teachings, and has completed the ngondro practices. In 2017 she went to India, where she received many profound teachings from His Holiness the Dalai Lama, including the great empowerment of Kalachakra and the Six Collections of Madhyamaka Reasoning. She is currently studying the great treatises in Shugseb Ogyan Dzong nunnery in Dharamsala, India.

བཙུན་མ་དགེ་ལྡན་བཟང་མོ།

བཙུན་མ་དགེ་ལྡན་བཟང་མོ་ནི་བོད་ཁ་བ་གངས་ཅན་གྱི་ཆ་ཤས་མདོ་སྨད་མགོ་ལོག་དུ་སྐུ་འཁྲུངས་ཞིང་རང་ལོ་དྲུག་ནས་རབ་དུ་བྱུང་བ་ཞིག་ཡིན།  ཆུང་དུས་ནས་བཟུང་ཉམས་རྟོགས་ཀྱི་དབང་ཕྱུག་ཇོ་ནང་བླ་མ་གསལ་ལྡན་དང་། རྒྱ་བླ་མ་པདྨ་རྣམ་རྒྱལ་སོགས་དང་། སྔ་འགྱུར་བསྟན་པའི་གསལ་བྱེད་བླ་མ་གཏུམ་གྲགས་རོལ་བའི་རྡོ་རྗེ་སོགས་རིས་མེད་ཀྱི་དམ་པ་དུ་མའི་མདུན་ནས་དབང་ལུང་ཁྲིད་གསུམ་མང་པོ་ཞུ་ནས་སྔོན་འགྲོ་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པ་ཉམས་བཞེས་གནང་ཡོད།

༢༠༡༧ལོར་རྒྱ་གར་དུ་སླེབས་ནས་༧སྤྱི་ནོར་གོང་ས་སྐྱབས་མགོན་རིན་པོ་ཆེའི་མདུན་ནས་དུས་འཁོར་དབང་མོ་ཆེ་དང་དབུ་མ་རིག་ཚོགས་དྲུག་གི་ཁྲིད་ལུང་སོགས་ཟབ་ཅིང་རྒྱ་ཆེ་བའི་མན་ངག་མང་དུ་གསན་གནང་མཛད་ཡོད།

ད་ལྟ་རྡ་ས(ཤུག་གསེབ་ཨོ་རྒྱན་རྫོང)དུ་གཞུང་ཆེན་ཁག་ལ་སློབ་གཉེར་ལ་བརྩོན་བཞིན་མཆིས་པ་ལགསོ།།

ཞེས་ལྷ་མིང་བས་བྲིས་པའོ།།

 

Geshema Tenzin Kunsel (Gelug) was born in 1972 to a simple peasant family in Lhasa, She attended public school from age 6, and at age 12 returned home to assist her family with household chores and by looking after the cattle in the mountains. She entered India as a refugee in 1991. At first she made her livelihood by making incense and studied Tibetan language on her own. Soon she was admitted to Dolmaling Nunnery. There, living under great hardship with about 100 other nuns she received the opportunity to study Buddhist philosophy while assisting with construction of the nunnery buildings. After 13 years of enthusiastic pursuit of Buddhist studies, she graduated in Parimita (the Six Perfections). Thereafter, she engaged in additional years of Buddhist study at Jangchup Choeling in Mundgod, South India, as well as two months of studying English language and social work in a Christian church. In 2011, under the guidance of Dolmaling Nunnery, she went to Delhi to study English and attend a teacher’s training course for four months at British Council in Delhi. Since February 2012 she has been teaching Buddhist philosophy and dialectics in Dongyu Gatsal Ling, the newly founded nunnery of the Drukpa Kakyu tradition near Palampur. In 2016 she received her geshema degree. In 2018 she completed her tantric study at Gyuto Monastery. She currently works as a teacher at Dolmaling Nunnery.

༅༅། །ངའི་མིང་ལ་བསྟན་འཛིན་ཀུན་གསལ་ཞེས་ཞུ་གི་ཡོད། ང་ཕྱི་ལོ་༡༩༧༢་ལོར་སྟག་རྩེ་རྫོང་ཐང་དཀར་ཤངས་གྲོང་ཚོ་བཞི་པའི་ཞིང་པའི་ཁྱིམ་ཚང་གི་ཕ་སྐལ་བཟང་ཚེ་རིང་དང་མ་ཉི་མ་གཉིས་ཀྱི་བུ་མོར་སྐྱེས་རྗེས་ཟླ་བ་དྲུག་ནས་ཉིན་མོ་བྱིས་གསོ་ཁང་དང་མཚན་མོ་མ་ཡི་གམ་དུ་འཚར་ལོངས་བྱུང་། ཆུང་དུས་སྤྱོད་པ་བུ་དང་འདྲ་བར་ཧ་ཅང་ཚུབ་དྲགས་ཏེ་ལོ་དྲུག་ནས་དམངས་གཙུགས་སློབ་གྲྭར་བཏང་ནའང་ཕ་མ་གཉིས་ལ་ཁྱིམ་ལས་ལ་དཀའ་ངལ་ཆེན་པོ་ཡོད་སྟབས་ལོ་བཅུ་གཉིས་ནས་སྒོ་ཟོག་སེམས་ཅན་འཚོ་བར་ལོ་བཅུ་དགུ་བར་རི་ལ་ཕྱིན་ཏེ་ཕྱི་ལོ་༡༩༩༡ལོར་རྒྱ་གར་དུ་བྲོས་བྱོལ་ལ་འབྱོར་རྗེས་ཆོས་ཞུགས་བྱ་ཡུལ་གྱི་བཙུན་དགོན་ཧ་ཅང་དཀོན་པར་བརྟེན་ཐོག་མར་ཟླ་བ་གཉིས་རིང་སྤོས་བཟོས་ནས་རང་གི་འཚོ་བ་འཁྱོལ་ཐབས་བྱས་ཞོར་བོད་ཡིག་ཕྲན་བུ་ཟུར་སྦྱོང་བྱས། ཟླ་བ་གཉིས་རྗེས་དབུས་བུད་མེད་ཚོགས་པས་གསར་བཙུགས་བྱས་པའི་གསར་འབྱོར་དགོན་པའམ་ད་ལྟའི་བཙུན་དགོན་སྒྲོལ་མ་གླིང་དུ་འཛུལ་ཞུགས་བྱས། དེ་དུས་གྲོད་པ་མ་རྒྱག་པའི་དཀའ་ངལ་མེད་ཀྱང་སྡོད་ཡུལ་རས་གུར་ཙམ་ཡིན་པ་དང་། ཆུ་དཀོན་པ། ས་ཆ་མ་འཕྲོད་པས་རྨ་དོན་པ་སོགས་ལུས་ལ་དཀའ་ངལ་གང་ཙམ་མྱོང་། དེ་རྗེས་ཡབ་གཞིས་ཚང་གི་ལྷ་ལྕམ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ལགས་ཀྱིས་སྣེ་འཁྲིད་པའི་བོད་ཀྱི་བཙུན་མའི་ལས་འཆར་གྱིས་ནོར་གླིང་གི་ཉེ་འགྲམ་དུ་རྒྱ་གར་གྱི་ཁང་པ་གཡར་ནས་ང་ཚོ་བཙུན་མ་བརྒྱ་ལ་ཉེ་བ་ཞིག་ལ་གཙོ་བོ་ནང་ཆོས་ཀྱི་སློབ་གཉེར་སྤྲད་པའི་ཞོར་ལ་བཙུན་དགོན་སྒྲོལ་མ་གླིང་གསར་བཞེངས་གནང་བས་ང་ཚོ་བཙུན་མ་རྣམས་ཀྱིས་ཀྱང་ས་རྡོའི་ལས་ཀ་མི་ཉུང་བ་ཞིག་བྱེད་དགོས་བྱུང་། འོན་ཀྱང་རང་ཉིད་དམིགས་ཡུལ་ངེས་གཏན་ཞིག་གི་ཐོག་ནས་བོད་ནས་གཞན་ཡུལ་དུ་གྱར་བ་ཡིན་པས་དེ་ཡིད་ལ་བཅངས་ནས་ལས་ཀྱི་སྣེ་མོ་བ་ཚོས་གང་སྤྲད་པའི་སློབ་སྦྱོང་ཚང་མར་རང་གི་ནུས་པས་ལྕོགས་ཚོད་ཀྱིས་སློབ་གཉེར་ལོ་༡༣རིང་བྱས་མཐར་ཤེར་ཕྱིན་རབ་འབྱམས་པ་ཐོན། དེ་རྗེས་དགོན་པས་གོ་སྐབས་གནང་བ་བཞིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་བཙུན་དགོན་བྱང་ཆུབ་ཆོས་གླིང་དུ་འཚོ་བ་རང་སྐྱོང་གིས་ལོ་བདུན་ལ་ཉེ་བ་ཙམ་རྗེ་རིན་པོ་ཆེས་མཛད་པའི་དབུ་མའི་འགྲེལ་བ་དང་། དེ་གཞན་ཚད་མ་རྣམ་འགྲེལ་སྨད་ཆ། མངོན་པ་འོག་མ་མཛོད་ལ་སློབ་གཉེར་བྱས། དེའི་རིང་ཡེ་ཤུའི་རྣམ་དག་ཆོས་ལུགས་ཀྱི་བཙུན་དགོན་ཞིག་ཏུ་དབྱིན་སྐད་དང་སྤྱི་ཚོགས་ཞབས་ཞུའི་སློབ་སྦྱོང་ཟླ་བ་གཉིས་རིང་བྱས། དེ་ནས་རང་དགོན་དུ་ཕྱིར་ལོག་གིས་དམ་ཆོས་འདུལ་བ་སོགས་ལ་སློབ་གཉེར་མཐར་སོན་པ་དང་། ཕྱི་ལོ་༢༠༡༡ནང་དགོན་པའི་བཀའ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་རྟེན་གཞི་བྱས་པའི་{BritishCouncil}ནང་དབྱིན་སྐད་དང་དགེ་རྒན་འོས་སྦྱོོང་གི་ཟབ་སྦྱོང་ཟླ་བ་བཞི་རིང་བྱས། ཕྱི་ལོ་༢༠༡༢་ཕྱི་ཟླ་༢ཚེས་༢༣ཉིན་ནས་དགོན་པས་བཏང་བ་བཞིན་རྒྱ་གར་ཧི་མ་ཅལ་མངའ་སྡེའི་པ་ལམ་པུར་གྱི་ཉེ་འགྲམ་དུ་གསར་བཞེངས་བྱས་པའི་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ཀྱི་ཡ་གྱལ་འབྲུག་པ་བཀའ་བརྒྱུད་ཀྱི་བཙུན་དགོན་དོན་བརྒྱུད་དགའ་ཚལ་གླིང་དུ་ནང་ཆོས་དང་རིགས་ལམ་གྱི་དགེ་རྒན་བྱེད་ཞོར་དུ་དགེ་ལུགས་རྒྱུགས་སྤྲོད་ཆེན་མོ་ཕྱི་ལོ་༢༠༡༦ལོར་མཐར་ཕྱིན། ཕྱི་ལོ་༢༠༡༨ རང་དགོན་དུ་ལོག་ཏེ་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་སྔགས་གཞུང་ལ་སློབ་གཉེར་མཐར་ཕྱིན་རྗེས་ད་ལྟ་བཙུན་དགོན་སྒྲོལ་མ་གླིང་ལ་དགེ་རྒན་གྱི་ལས་ཀ་བྱེད་བཞིན་པ་བཅས་སོ།། །།

 

About the Co-hosts

 

Geshe Tenzin Wangyal is an acclaimed author and a respected teacher of students worldwide. As the founder and spiritual director of Ligmincha International, he has established numerous centers and institutes of learning in the United States, Mexico, South America, Europe and India. Fluent in English, Rinpoche regularly offers online teachings in the form of live webcasts, online workshops and YouTube videos. He is renowned for his depth of wisdom; his clear, engaging teaching style; and his dedication to making the ancient Tibetan teachings highly accessible and relevant to the lives of Westerners.
More about Tenzin Wangyal Rinpoche

 

Khenpo Gyurmey Dorjee began reading, writing, and memorizing at the tender age of 5 or 6. In 1996 he was admitted to Sakya College, where he received his Shastri and Acharya degrees. For the past 13 years he has been teaching Buddhist philosophy at Dolma Ling Nunnery and Institute of Buddhist Dialectics, a non-sectarian nunnery near Dharamsala, northern India. On several occasions organized by the Department of Religion and Culture (Central Tibetan Administration), Khenpo Gyurmey Dorjee served as speaker and Sakya representative, as well as a member of a special committee for professional research. He is presently a standing member of the International Association of Non-Sectarian Tibetan Religious Traditions, and served as its chairman for the first and second terms.